རིག་གནས་སྲུང་སྐྱོང།

པོདརིག་གནས་སྲུང་སྐྱོང་ཞེས་པ་དེ་ངེས་པར་དུ་གནའ་སྐྱོང་ད་འགོག་ལ་གོ་བ་ལེན་མི་རུང་པ་སྙམ། མི་རིགས་གང་དང་གང་ཡིན་ཡང་དུས་ཀྱི་གོམས་གྲོས་དང་བསྟུན་ནས་འགྱུར་ལྡོག་བྱུང་བ་ནི་འཇིག་རྟེན་འདིའི་བཞུས་ཀྱང་འགྱུར་བ་མེད་པའི་རང་བཞིན་གཙང་མ་དེ་ཡིན། མར་དང་རྩམ་པའི་དྲི་འཐུལ་ཞིང་ནང་བ་སངས་རྒྱས་པའི་ཆོས་འོད་རབ་ཏུ་འཕྲོ་བའི་ཁ་བ་ཅན་གྱི་རིག་གནས་འདིའི་རང་གཤིས་ཉམས་གུད་དུ་མ་ཤོར་བར་བདག་སྐྱོང་བྱེད་དགོས་ཚེ། བློ་ཁ་ཡངས་པོའི་སྒོ་ནས་རང་གི་རིག་གནས་ཀྱི་ལེགས་ཆ་དག་གཞིར་བཟུང་ནས་འཛམ་གླིང་སྔོན་ཐོན་གྱི་རིག་གནས་གང་མང་ཞིག་དང་འབྲེལ་གཏུག་བྱས་ནས་དགེ་མཚན་སྡུད་ལེན་བྱས་ན། ད་གཟོད་རང་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལྔ་ཟུང་རིག་པ་དང་དེའི་ཆགས་གནས་ཀྱི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཀུན་འཛམ་གླིང་གཅིག་གྱུར་གྱི་ཆུ་བོའི་ནང་དུ་ནུབ་མི་ཤོར་བ་དང་། གདོང་དམར་སྤྲེའུ་རྒྱུད་རང་རིགས་ལས་ཁྱབ་ཆེ་བའམ་རང་དབང་གི་མེ་ལྕེ་འབར་ཤུགས་དྲག་པའི་རིག་གནས་ཀྱིས་ཁྱུར་མིད་བྱེད་ཉེན་འགོག་ཐབས་ཉག་གཅིག་ཡིན་ངེས། དེས་ན་རྒྱལ་ཁབ་ཕྱི་ནང་ལ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་ངག་སྒོ་ལས་གཏོང་པ་ཙམ་མ་ཡིན་པར། བཞག་གདན་གོ་ལའི་ཡང་རྩེ་ནས་བཞུར་བའི་བོད་རང་ཉིད་ཀྱི་སྐད་དང་རིག་གནས་ཀྱི་སྲུང་སྐྱོང་མཛད་སྒོ་ལ་ཤུགས་སྣོན་གང་མང་བྱེད་རོགས་ཞུ་ཞུ།

རྫ་ཕྲུག་ཐུབ་མགོན་ནས།༢༠༡༠ལོའི་ཟླ་༩བའི་ཚེས་བཟང་ཞིག

One thought on “རིག་གནས་སྲུང་སྐྱོང།”

  1. ཁ་བའི་མདོག་ནི་ལྗང་ཁུ་མིན་མོད། འོནཏང་ཁྱེད་ཀྱིས་ཀླད་པ་ལྗང་ཁུས་བལྟས་ཚེ། དེ་ལྟར་མཐོང་བར་གདོན་མི་ཟའོ།

Leave a Reply

Your email address will not be published. Required fields are marked *